༄༅། །ཤེས་རིག་དཔར་ཁང་གི་ལོ་རྒྱུས་སྙིང་བསྡུས།

78a5970b7661df124e01cc6f8efd572a-potala-palace-min-min_1_1_-min
ཤེས་རིག་དཔར་ཁང་གི་བྱུང་རབས་དང་ཆོས་རིག་སྲུང་སྐྱོབ་བྱེད་ཕྱོགས།

༡༽ ཤེས་རིག་དཔར་ཁང་གི་བྱུང་རབས། 
བོད་ཀྱི་རིག་གཞུང་ལ་ལོ་རྒྱུས་ནང་བྱུང་མ་མྱོང་བའི་གོད་ཆགས་ཚབ་ཆེན་པོ་བྱུང་བས་སླར་གསོ་དང་རྒྱུན་འཛིན་ཆེད་ཕྱི་ལོ་༡༩༦༡ལོར་༸སྤྱི་ནོར་ྋགོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་ལྟར་ཤེས་རིག་དཔར་ཁང་འདི་དབུ་འཛུགས་གནང་། དཔར་ཁང་འདིས་མི་ལོ་དྲུག་ཅུ་ལྷག་གི་རིང་བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་རྨང་རྡོ་ལྟ་བུའི་འགན་ཁུར་བླངས་ཏེ་བོད་ཀྱི་སྐད་ཡིག་རིག་གཞུང་བཅས་ཀྱི་སྒྲོན་མེ་སླར་ཡང་སྤར་ཡོད།

༢༽ ང་ཚོའི་དམིགས་ཡུལ། 
  • རྩ་ཆེའི་གླེགས་བམ་སྲུང་སྐྱོབ། བོད་ནང་དགོན་སྡེ་དང་དཔེ་མཛོད་ཁག་རྩ་གཏོར་བཏང་ཡང། བཙན་བྱོལ་ནང་ང་ཚོས་བཀའ་འགྱུར་པོད་ ༡༠༣ དང་བསྟན་འགྱུར་པོད་ ༢༡༣ གསུང་འབུམ་བཅས་ཀྱིས་མཚོན་པས་རྩ་ཆེའི་གླེགས་བམ་རྣམས་སླར་གསོ་བྱས་ཏེ་སངས་རྒྱས་ཀྱི་ས་བསྟན་པ་དང་རིག་ཞུང་འཛིན་སྐྱོང་སྤེལ་གསུམ་གྱིས་ཞབས་ཞུ་རྒྱུ་དེ་ཡིན།
  • མི་རབས་གསར་པར་ནུས་སྟོབས་གོང་སྤེལ། འདི་ནས་བོད་པའི་སློབ་གྲྭ་ཁག་གི་སྔོན་འགྲོ་ནས་འཛིན་གྲྭ་བཅུ་གཉིས་བར་གྱི་སློབ་དེབ་དཔར་བསྐྲུན་དང་འགྲིམ་སྤེལ་བྱས་དང་བྱེད་མུས་ཡིན་ཞིང་། སྙན་ངག་དང་བྱིས་སྒྲུང་ལ་སོགས་པ་འདོན་སྤེལ་གྱིས་ལོ་རེ་བཞིན་སློབ་ཕྲུག་སྟོང་ཕྲག་མང་པོའི་སེམས་ལ་རང་མི་རིགས་ཀྱི་ཕ་མེས་ནས་བརྒྱུད་པའི་གནའ་བོའི་གོམས་གཤིས་བཟང་པོའི་བག་ཆག་བཞག་ནས་དེང་གི་རིག་རྩལ་གྱི་ནུས་པ་གོང་མཐོར་གཏོང་བར་རོགས་འདེགས་བྱེད་བཞིན་ཡོད།
  • རིག་གཞུང་གི་ཟམ་པ། ཕྱིར་ཚོང་དང་ནང་འདྲེན་གྱི་ལག་འཁྱེར་བརྒྱུད། ང་ཚོས་ཧི་མ་ལ་ཡའི་མི་མང་གིས་མཚོན་པས་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་ཆོས་དང་རིག་གཞུང་གཅིག་པའི་མི་རྣམས་ལ་བོད་ཀྱི་ཆོས་རིག་གི་དཔེ་དེབ་སྣ་ཚོགས་འགྲེམ་སྤེལ་བྱས་དང་བྱེད་བཞིན་ཡོད། 
༣༽ ཡིད་རྟོན་དང་ཁྱད་འཕགས།
  • ཁྲིམས་མཐུན་དེབ་སྐྱེལ། ང་ཚོ་ནི་ལྡི་ལི་གཞུང་ལ་དེབ་སྐྱེལ་བྱས་པའི་དགེ་རྩ་ཚོགས་པ་ (Reg No: 1017) ཞིག་ཡིན། 12A དང་ 80G ཡི་ཁྲལ་ཆག་ལག་འཁྱེར་ཡོད་པས་ང་ཚོའི་ལས་དོན་ཡོངས་རྫོགས་ཁྲིམས་མཐུན་དང་འགན་འཁུར་ལྡན་པ་ཞིག་ཡིན།
  • རང་སྐྱོང་དང་རང་ཁ་རང་གསོ། དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་འཛིན་སྐྱོང་འོག་ཡོད་ཀྱང་། བོད་མིའི་སྒྲིག་འཛུགས་ལ་རོགས་དངུལ་ཞུ་མི་དགོས་པར་རང་ཁ་རང་གསོ་ཐུབ་པའི་རང་སྐྱོང་སྡེ་ཚན་ཞིག་ཡིན་པ་མ་ཚད།གཞུང་མང་གཉིས་ལ་ཞབས་ཞུ་སྒྲུབ་བཞིན་པའི་ཚོགས་པ་མིག་དཔེར་འོས་པ་ཞིག་ཆག་ཡོད།
  • སྤུས་ཚད་དམ་ཚད་གཞི། ང་ཚོ་ནི་ལྡི་ལི་དཔར་ཁང་མཐུན་ཚོགས་ཀྱི་ཚོགས་མི་ཡིན་པའི་ཆ་ནས། ང་ཚོས་སྲོལ་རྒྱུན་གྱི་རྣམ་པར་དང་ཁྱད་ཆོས་གཞིར་བཟུང་དེ་ལ་དེང་རབས་དཔར་སྐྲུན་གྱི་འཕྲུལ་རྩལ་ཟུང་འབྲེལ་གྱིས་སྤུས་ཚད་གང་ལེགས་མཁོ་འདོན་བྱེད་དགོས་པ་བཞིན་བྱེད་བཞིན་ཡོད།
༤༽ ང་ཚོའི་གྲུབ་འབྲས། 
  • བཀའ་བསྟན་གྱི་གླེགས་བམ་གཙོས། གསུང་འབུམ། རྣམ་ཐར། རྒྱལ་རབས། ཆོས་འབྱུང་། སྙན་ངག ཞལ་འདོན། སློབ་དེབ་སོགས་མདོར་ན་དཔེ་དེབ་ཆེ་ཆུང་རིགས་ ༡༣༦ ལྷག་དཔར་བསྐྲུན་ཞུས་དང་ཞུ་མུས་ཡིན།
  • འཛམ་གླིང་ལ་ཁྱབ་ཚད། རྒྱ་བལ་འབྲུག་གསུམ་གཙོས། ནུབ་ཕྱོགས། བྱང་ཨ་རི་སོགས་རྒྱལ་ཁབ་ཁག་གི་དགོན་སྡེ་དང་། དཔེ་མཛོད། སྒེར་གྱི་ཁྱིམ་ཚང་བཅས་ལ་བོད་ཀྱི་ཤེས་ཡོན་རིག་གནས་ཀྱི་དགོས་མཁོ་འགྲེམ་སྤེལ་བྱེད་བཞིན་ཡོད།
  • བོད་མིའི་སྙིང་སྟོབས། ཕྱི་ལོ་ ༡༩༦༡ གི་དཀའ་ཚེགས་ནས་དེང་རབས་ཀྱི་དཔར་ཁང་འདི་ཉིད་བར་གྱི་ལོ་རྒྱུས་ནི་བོད་མིའི་ཞུམ་པའི་སྙིང་སྟོབས་དང་རིག་གཞུང་སྲུང་སྐྱོབ་ཀྱི་དཔང་རྟགས་ཤིག་ཡིན།
༥༽ མ་འོངས་སྨོན་འདུན།
ང་ཚོའི་ལས་དོན་འདི་དག་ནི་ནམ་ཡང་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལེགས་སྐྱེས་ཤིག་ཏུ་གནས་རྒྱུ་དང་། ནམ་ཞིག་རང་དབང་བདེན་པའི་ཉི་མ་འཆར་བའི་ཚེ་ཆོས་རིག་གི་ལྟ་གནས་དགོན་སྡེ་དཔེ་མཛོད་སོགས་སླར་ཡང་དར་ཞིང་རྒྱས་པར་བྱ་རྒྱུ་དེ་ཡིན།