བཟོ་གྲྭ་འཛུགས་པར་རྒྱ་གར་གཞུང་ནས་དགག་བྱ་མེད་པའི་ས་ཆ་ཞིག་ནས་ས་ཆ་རྒྱ་ཆེ་ཙམ་ཞིག་སྤུས་གཟིགས་ཀྱིས་ཉོ་བསྒྲུབ་གནང་སྟེ་དཔར་ཁང་རྒྱ་ཆེ་ཙམ་ཞིག་གསར་འཛུགས་གནང་རྒྱུ།

ད་ལྟ་དཔར་རྒྱག་འཕྲུལ་ཆས་ཡོད་བཞིན་པའི་ཁར་ཚོན་ཁྲ་བཞི་ལྡན་གྱི་དཔར་རྒྱག་འཕྲུལ་ཆས་ཡག་གྲས་ཤིག་གསར་འཛུགས་དང་བཀོལ་སྤྱོད་རང་གིས་ཐུབ་པ་བྱ་རྒྱུ།

དེབ་བཟོ་འཕྲུལ་ཆས་དང༌། སྐུད་ཚེམ་འཕྲུལ་ཆས། ལྕགས་ཚེམ་འཕྲུལ་ཆས། གཅོད་གཏུབ་འཕྲུལ་ཆས་སོགས་མདོར་ན་དེབ་བཟོ་སྐོར་གྱི་ཆ་ཅན་ཡོངས་སུ་རྫོགས་པར་འཛོམས་པ་གནང་རྒྱུ།

དཔར་ཁང་གི་ལས་བཟོ་བ་ཚང་མ་བོད་རིགས་རང་ཉིད་ནས་རང་སྐྱ་ཐུབ་པ་བྱ་རྒྱུ་བཅས་སོ།