| ཤེས་རིག་དཔར་ཁང་ལ་དཔར་སྐྲུན་དང་མངགས་ཉོ། འགྲེམ་གཏོང་སོགས་ཀྱི་མཐུན་རྐྱེན་ཇི་ཡོད་ཁག
༡ རྒྱལ་བའི་བཀའ་འགྱུར་དང་དེའི་དགོངས་འགྲེལ་བསྟན་འགྱུར། རྗེ་གསུང་འབུམ་ལ་སོགས་གཞན་སུ་གང་ལའང་མེད་པའི་མངགས་ཉོ་ཞུ་རྒྱུ་ཡོད། ༢ དེབ་གཟུགས་དང་དཔེ་གཟུགས་གང་གི་ཐོག་ཕྱག་དཔེ་བྱིས་པའི་འབུམ་ཆུང་མཚོན་བླུ་ཡོན་ཞུ་རྒྱུ་ཡོད། ༣ སྒེར་རྩོམ་དེབ་ཁག་པར་སྐྲུན་དང་བླུ་ཡོན་གཉིས་ཀ་ཞུ་རྒྱུའི་མཐུན་རྐྱེན་ཆ་ཚང་བ་ཡོད། ༤ སློབ་གྲའི་སློབ་དེབ་དང་ཡིག་གཟུགས་བཅས་པ་བླུ་ཡོན་ཞུ་རྒྱུ་ཡོད། ༥ ཤེས་དཔར་དཀར་ཆག་ནང་མཐུན་རྐྱེན་ཇི་ཡོད་ཆ་ཚང་བཀོད་ཡོད། ༦ ཤེས་དཔར་ཡན་ལག་ལྡི་ལི་དང་བལ་ཡུལ། རྡ་ས་ཚང་མར་དཔར་སྐྲུན་དང་བླུ་ཡོན། འགྲེམས་གཏོང་ཞུ་རྒྱུའི་མཐུན་རྐྱེན་ཡོད། ༧ ཤེས་དཔར་ལ་རྒྱ་བལ་འབྲུག་གསུམ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་བཅས་ལ་ས་དང་གནམ་། མཚོ་ཐོག་སོགས་ལ་འགྲེམས་གཏོང་བྱ་རྒྱུའི་ཡིག་ཚང་ཟུར་དུ་ཡོད་པས་མཐུན་རྐྱེན་ འདི་དམིགས་བསལ་གཞུང་སྒེར་གཉིས་ཀྱི་ཆེད་དུ་སྦྱར་བ་ཡིན་ན་གོ་སྐབས་བཟང་པོ་དེ་ དག་ཚང་མས་བེད་སྤྱོད་པའི་རེ་བ་ཞུ་རྒྱུ་ཡིན།། |
|
||||||||||||||||||











